图显世态 文说天下 图文吧——最全的微信公众号/资讯聚合平台
首页/文化/ཁྱོད་དོན་ངོ་མར་དགེ་འདུན་པ་ཞིག་ཡིན་ནམ། ཚ་བ་ཞོགས་འཁར།

ཁྱོད་དོན་ངོ་མར་དགེ་འདུན་པ་ཞིག་ཡིན་ནམ། ཚ་བ་ཞོགས་འཁར།

ཁྱོད་དོན་ངོ་མར་དགེ་འདུན་པ་ཞིག་ཡིན་ནམ།

ཚ་བ་ཞོགས་འཁར།

སྤྱིར་བཏང་གི་བོད་ཀྱི་རྒྱལ་ཁམས་སུ་སྤྲེལ་སྲིན་གཉིས་ཀྱིས་ཐབས་ཤེས་ཟུང་དུ་སྦྲེལ་ཞིང་མཐའ་འཁོབ་བོད་ཡུལ་དུ་མི་བརྒྱུད་སྤེལ་ཏེ་རིམ་བཞིན་ཚེ་སྲོག་གི་སྙིང་བོ་ལ་གཅེས་སྤྲས་ཤེས་ཤིང་ངོ་ཚ་དང་ཁྲེལ་ཡོད་པའི་རིགས་བརྒྱུད་ཅིག་དའི་བར་དུ་འཚོ་སྡོད་ཐུབ་པའི་མི་རིགས་ཤིག་ཏུ་ཆགས།  དེའི་ཁྲོད་ནས་ཆོས་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བོད་ཡུལ་དུ་འབྱོན་ཞིང་བྱས་རྗེས་མི་དམན་པར་འཇོག་སྟེ་མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་བཞེངས་བསྐྲུན་བྱས་ཞིང་རྒྱལ་ས་སྲ་བརྟན་དུ་འཛིན་པར་བྱས།   དེའི་རྗེས་གདུང་རབས་སྲིད་ན་དཀོན་ཞིང་བོད་མི་རིགས་ཀྱིས་བཀའ་དྲིན་གཞལ་ཐབས་བྲལ་བའི་གདུང་བརྒྱུད་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་མི་ཡུལ་དུ་ཞལ་བལྟམས་ཤིང་དགུང་ལོ་བཅུ་གསུམ་ཙམ་ནས་རྒྱལ་སྲིད་བཟུང་ཏེ་བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་ངེས་པར་ཡོད་དུ་འཇུག་དགོས་སོ་ཞེས་བཟློག་ཏུ་མེད་པའི་སྙིང་སྟོབས་དང་བཅས་ཐུགས་ཀྱི་དམ་བཅའ་བརྟན་པོར་བཞེས་ཤིང་བོད་ཀྱི་ལོ་ཙཱ་ཐོག་མ་སམྦྷོ་ཊ་སོགས་བློ་རིག་ཤིན་ཏུ་རྣོ་བའི་བྱིས་པ་བཅུ་དྲུག་གམ་ཡང་ན་བྱིས་པ་བདུན་ཞེས་མཁས་པས་བཞེད་སྲོལ་འདྲ་མིན་ཡོད་ཀྱང་།    བྱིས་པ་དེ་དག་རྒྱ་གར་དུ་ཡི་གེར་བསླབ་པར་བཏང་ཞིང་སློབ་དཔོན་ལྷ་རིག་པའི་སེང་གེ་དང་བྲམ་ཟེ་ལི་བྱིན་ཀ་ར་སོགས་ལ་རྟེན་ནས་གཞུང་ལུགས་སྣང་ཅན་ཞིག་སྦྱང་བར་མ་ཟད་ཁྱད་པར་དུ་སྒྲ་རིག་པ་ལ་ཕུལ་དུ་ཕྱིན་པའི་སྦྱང་བ་བྱས་མཐར་བོད་ཡུལ་དུ་ལོག    དེའི་རྗེས་བོད་ཡིག་གསར་དུ་བཟོས་ཤིང་གཞན་གྱི་གཞུང་ལུགས་ཡི་གེ་དྲུག་པ་དང་ཟ་མ་ཏོག་སྤང་སྐོང་ཕྱག་རྒྱ་སོགས་བོད་སྐད་དུ་བསྒྱུར་ཞིང་བོད་ཡུལ་དུ་ནང་འདྲེན་བྱས་པའི་སྐྱེས་བུ་སྙིང་སྟོབས་ཅན་ཁོང་ལ་ཁ་མིན་ཞེ་ནས་སྨོན་པ་ཤོར་བ་ཐེངས་གཅིག་ག་ལ་ཡིན།    དེ་ནས་མི་རབས་ལྔ་ཙམ་འདས་རྗེས་བོད་ཀྱི་རྒྱལ་བརྒྱུད་གདུང་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྟོན་པ་སངས་རྒྱས་ཀྱིས་གསུང་པའི་མདོ་སྔགས་དག་བོད་ལ་ནང་འདྲེན་བྱས་ཤིང་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་བོད་ཡུལ་དུ་གདན་འདྲེན་ཞུས་ཏེ་མཁན་སློབ་ཆོས་གསུམ་ཞལ་མཉམ་དུ་འཛོམས་ཤིང་ཐུགས་ཡིད་གཅིག་འདྲེས་ཀྱི་སྐལ་བ་བཟང་པོ་ཞིག་འཆར་ཞིང་བསམ་ཡས་གཙུག་ལག་ཁང་དང་རྟེན་དང་བརྟེན་པར་བཅས་པ་ཡང་ལེགས་པར་བཞེངས་བསྐྲུན་བྱས།   དེ་རུ་མཁན་ཆེན་ཞི་བ་འཚོས་མཁན་པོ་མཛད་དེ་འཕགས་ཡུལ་ནས་སྤྱན་དྲངས་པའི་བྱེ་བྲག་སྨྲ་བའི་དགེ་སློང་བཅུ་གཉིས་ཀྱི་ཁ་སྐོང་ཆེད་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆེས་སྔ་བའི་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་བླང་མཁན་སད་མི་བདུན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཆོས་འདུལ་བ་ལ་ལག་སྟར་བྱས་ཤིང་བསྟན་པ་སྔ་དར་གྱི་འགོ་ཚུགས་ཤིང་ཆེས་ཆེར་རྒྱས་པར་གྲགས།   དེས་ན་ཆོས་འདུལ་བ་མིག་འབྲས་ལྟར་སྲུང་མཁན་མང་པོ་བྱུང་བ་རེད་ལ་སྡོམ་ཁྲིམས་དང་དགེ་འདུན་པའི་བར་གྱི་མཛའ་འབྲེལ་ནི་དམ་ཟབ་ཏུ་ཕྱིན་སྐད་དུ་གདའ།   དེ་ནས་མུར་རུ་དུས་རབས་བཅུ་ཕྲག་གཅིག་ལྷག་ཙམ་ཞིག་ལ་བོད་ཡུལ་དུ་ཆོས་ཁ་འཐེན་ཁྱེར་དང་འཐབ་འཛིང་འཁྲུགས་རྩོད་ཀྱིས་བསྟན་པ་ལ་རྨ་ཁ་གསར་གཏོད་གནང་མཁན་རབ་བྱུང་པའི་ཁྲོད་དུ་མང་པོ་ཞིག་དར་ཞིང་ཆོས་འདུལ་བའི་ལུགས་ལྟར་ཁྲིམས་སྲུང་མཁན་ཡང་ཇེ་སྡུག་དང་ཇེ་བྲི་རུ་ཕྱིན་པ་རེད།   ད་དུང་ཡང་དེ་མུར་རུ་དུས་རབས་ཉི་ཤུ་དང་ཉེར་གཅིག་གི་སྤྱི་ཚོགས་ཁྲ་ཁྲ་ཟིང་ཟིང་འདི་འདྲའི་སྐབས་སུ་ཚུལ་ལྡན་གྱི་དགེ་འདུན་པ་ཞིག་དང་རབ་བྱུང་པ་ཞིག་ཉིན་མོའི་སྐར་མ་ལྟར་དཀོན་པོ་ལྟར་དུ་ཆགས་འདུག་པར་མ་ཟད།   འཁོར་བ་ལ་སྐྱོ་ཤས་ཀྱིས"ངེས་འབྱུང"ཐན་ཐུན་རེ་མེད་པའི་གྲྭ་བཙུན་མང་དག་ཅིག་སྤྱི་ཚོགས་སུ་འཁྱམས་འཁྱམས་འགྲོ་བཞིན་འདུག་པར་འདི་ལ་བསམ་ན་དགེ་འདུན་པ་ཞིག་གི་གྲལ་མཐར་གནས་པའི་བཙུན་པ་ཡང་དག་ཅིག་མིན་པར་སུས་ཀྱང་ཤེས།   ད་དུང་ཁྱོད་རང་དགེ་འདུན་པ་ཞིག་ཡིན་པར་རློམ་ཞིང་མིག་ཟུང་གནམ་ལ་ལྟས་ཏེ་འགྲོ་མཁན་ཚོས"ངེས་འབྱུང"ཟེར་བ་ཞིག་ཚེ་གང་ལ་ཐེངས་ཤིག་སྐྱེས་མྱོང་ངམ།   མ་གཞི"ངེས་འབྱུང"ཟེར་བའི་ཐ་སྙད་དེའི་བསྟན་དོན་ནམ་བརྗོད་དོན་གང་ཡིན་གསལ་པོར་ཤེས་སམ།  དེ་ཙམ་མི་ཤེས་པའི་ཁྱོད་རབ་བྱུང་པའམ་དགེ་འདུན་པ་ཞིག་ཡིན་ཁུར་བྱས་པ་འདི་ཅི་འདྲའི་ཐབས་རྡུག་ནང་གི་འུར་ཐུག་ཅིག་རེད།       ད་དུང་གྲྭ་ཤུབ་གྱོན་པའི་མི་བུ་ལ་ལ་དག་གིས་བུད་མེད་ལ་ལོག་གཡེམ་བྱས་པ་དང་རྐུ་བྱས་པ་མི་བསད་པ་ངན་ཚོང་རྒྱག་པ་སོགས་འདྲ་མིན་བགྲང་དུ་མི་ལངས་པར་བྱེད་ཀྱིན་འདུག    ལ་ལས་ཆང་འཐུང་བ་དང་དུ་བ་འཐེན་པ་ཤོ་རྒྱག་པ་དང་རྫུན་དུ་སྨྲ་བ་སོགས་བྱ་བ་འདྲ་མིན་ཅི་རིགས་ཤིག་བགྱིས་པ་འདི་ནི་གདོན་འདྲེ་མི་ཡུལ་དུ་སླེབས་པ་ཡིན་རྒྱུ་ལས་ནང་པའི་གྲལ་མཐར་གནས་པའི་རབ་བྱུང་པ་ཞིག་གི་སྤྱོད་པ་ཡིན་རྒྱུ་ཕར་ཞོག་སྐྱེ་བོ་ཕལ་པ་ཞིག་གིས་སྤྱོད་པ་དེ་འདྲ་ཉུང་ཉུང་དགོས་པ་ཡང་སྟོན་པས་བཞེད་དོ།    གལ་སྲིད་ཁྱོད་དགེ་འདུན་པ་ཞིག་ཡིན་ཚེ་ངེས་པར་དུ་ཡོད་ན་ཆོག་ཀྱང་མེད་ན་མེད་ཐབས་བྲལ་བའི་དགེ་སློང་བཞི་ཡན་ཆོད་ལ་དགེ་འདུན་པ་ཞེས་འདོགས་པ་ལས་དགེ་ཚུལ་བཞི་སོགས་འདུས་པར་དགེ་འདུན་པ་ཞིག་ཟེར་སྲོལ་ཡེ་ནས་མེད།  དེང་སང་ལྟ་བུ་ཡིན་ན་དགེ་སློང་བཞི་ཙམ་ཕར་ཞོག་དགེ་ཚུལ་ཞིག་ལ་དགེ་འདུན་པ་ཞེས་བཏགས་ཏེ་དགེ་འདུན་དཀོན་མཆོག་དངོས་ཡིན་པར་འདུ་ཤེས་འཇོག་སྟངས་ཤིག་འདུག་པ་དེ་ནི་འཁྲུལ་བ་ཉིད་དུ་ཟད་དོ།  ད་དུང་ཚུལ་མིན་གྱི་བྱ་བ་འདི་འདྲ་ཞིག་འདུག་སྟེ་རང་ཉིད་ལོ་ན་གཞོན་པའི་སྐབས་སུ་འཇིག་རྟེན་པའི་འཚོ་བ་གང་སྐྱིད་བྱས་ཤིང་བུ་བརྒྱུད་བཅུ་ཕྲག་ཙམ་གྱི་ཨ་ཕ་རྒན་པོ་དང་ཨ་མ་རྒན་མོ་ཆགས་སྐབས་གཞི་ནས་འགྱོད་སེམས་ཡོད་མདོག་ངང་ནས་འཁོར་བ་ལ"ངེས་འབྱུང"སྐྱེས་མདོག་གི་ལོ་ན་དྲུག་བཅུ་དང་བདུན་བཅུར་ཡས་མས་སླེབས་དུས་འཁོར་བ་ལ་སྙིང་པོ་མེད་ཅེས་སྨྲ་སྟེ་མགོ་ནས་སྐྲ་བྲེག་སྟེ་ལུས་ལ་གཟན་ཤམ་གྱོན་ཏེ་དགོན་པའི་འདུ་གྲལ་སྟེང་དུ་འདུག་ཤག་ཤག་དང་ཡིན་མདོག་མདོག་བྱེད་པའི་ལུས་ལ་དམར་པོ་གྱོན་ཞིང་ནང་དུ་སྐྱ་བོ་ཡིན་པའི་རིགས་ཤིག་དེང་གི་སྤྱི་ཚོགས་སུ་འབུར་དུ་ཐོན་བཞིན་འདུག་པ་འདི་ལ་ང་ཚོས་ཅེས་ཀྱང་ཐག་གཅོད་ནན་མོ་ཞིག་བྱེད་དགོས།   རྒྱུ་མཚན་ནི་ང་ཚོའི་ཉེ་ཆར་ལུས་ལ་གཟན་ཤམ་དམར་ལྷབ་ལྷབ་ཅིག་གྱོན་ཞིང་སྤང་ཀློག་ཐོས་བསམ་གྱི་བརྩོན་པ་བ་སྤུ་ཙམ་ཡང་མེད་པའི་སྐྱ་མིན་སེར་མིན་ཕུང་གསུམ་པ་ཞིག་ལ་དགེ་འདུན་པ་ཞེས་ཟེར་སྲོལ་འདུག་པ་འདི་ནི་ཅི་འདྲའི་མང་ཚོགས་བསམ་མེད་དག་ལ་མགོ་བསྐོར་ཚོད་མེད་ཅིག་བྱེད་པ་རེད་ཨང་།    དེ་ཙམ་མ་ཟད་ད་དུང་བླ་མ་དང་མཁན་པོ་ཁ་ཤས་ཀྱིས་ཆོས་འཆད་སྐབས་རས་སེར་པོ་ཞིག་ལུས་ལ་འདོགས་པའི་གང་ཟག་ཅིག་ཡིན་ཚེ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་འཇོག་དགོས་ཚུལ་སྨྲ་བཞིན་པ་འདི་ནི་གཞུང་ལུགས་ལ་ལྟ་རྟོགས་མེད་པའི་རྐྱེན་གྱིས་རེད་མ་གཏོགས་རྒྱུ་མཚན་ཡང་དག་ཅིག་གང་ནས་རྙེད་ཐབས་བྲལ།   རེད་དེ་དག་སྣང་ཟེར་བ་ཞིག་ཡོད་ན་གནའ་སྒྲུང་ཞིག་ལས་རྒས་མོའི་ཁྱི་སོར་རིང་བསྲེལ་འཁྲུངས་ཚུལ་ཞིག་བཤད་རྒྱུན་དུ་འདུག་པ་དེ་འདྲའི་འདྲ་ཡོང་ནའང་ཅི་ཤེས། དེ་མིན་བ་ལང་ཞིག་ལ་གཟན་ཤམ་བསྐོན་ཞིང་དེ་ལ་དགེ་འདུན་པ་དངོས་ཡིན་པར་འདུ་ཤེས་འཇོག་དགོས་བཤད་པ་ནི་བཙན་པོས་སྨྲ་བརྗོད་ཅིག་ལས་ཡིད་དུ་འཐད་པའི་གཏམ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།    ཡང་ཉེ་བའི་ཆར་ལ་གསེར་རྟ་ཚང་གི་མཁན་པོ་གང་བསམ་ལྷུན་འགྲུབ་ཀྱིས་དགེ་འདུན་པ་ཟེར་བ་དེ་ནི་དགེ་བ་ལ་འདུན་པ་ཡོད་པས་ན་དགེ་འདུན་པ་ཞེས་ཟེར་ཞེས་པའི་གསུང་དུམ་བུ་ཞིག་འདུག   དེ་ནི་བསམ་རིན་མེད་པའི་འཆལ་གཏམ་འབའ་ཞིག་ལས་གནས་ལུགས་ཀྱི་རྒྱབ་ལྗོངས་ཡོད་པའི་སྐད་ཆ་ཞིག་མིན་པར་སྔོན་ནས་ཤེས་ཡོད།   གལ་སྲིད་དེ་འདྲའི་དབང་དུ་བྱས་བཏང་ན་བོད་མི་ཕལ་ཆེར་བ་དགེ་འདུན་པ་ཡིན་པར་ཐལ་བ་ཅི་ལྟར་བཟློག་ནུས་ཏེ།   བོད་མི་ཕལ་ཆེར་བ་དགེ་བ་ལ་འདུན་པ་ཡོད་པ་ཤ་སྟག་ཡིན་པའི་ཕྱིར་རོ།  མདོར་ན་དགེ་འདུན་པ་ཞེས་པའི་དོན་ནི་དགེ་སློང་བཞི་སྡེ་ཡན་ཆོད་གང་ཞིག  དགེ་བ་ལ་བློ་གཅིག་སེམས་གཅིག་གིས་ཆོས་ལག་ལེན་བྱེད་པའི་མི་ཡི་མཚན་ཉིད་དང་མ་བྲལ་བ་ཞིག་ཡིན་དགོས་ཏེ།   མཉམ་མེད་དྭགས་པོ་ལྷ་རྗེས།  དགེ་འདུན་ལ་ཡང་གཉིས་ཏེ།   སོ་སོ་སྐྱེ་བོའི་དགེ་འདུན་ནི།  དགེ་སློང་རྣམ་པར་དག་པ་བཞི་ཡན་ཆད་ཚོགས་པ་ཡིན་ལ། འཕགས་པའི་དགེ་འདུན་ནི། སྐྱེས་བུ་ཟུང་བཞི་ཡ་བརྒྱད་པོ་དག་གོ།   ཞེས་གསུངས་སོ།   

མུ་འགོད་དང་པོ།                  

2017/7/26 ཉིན་ལ་སྦྱར།

扫描二维码获取最新科技资讯
免责声明 | 图文吧网站所有信息采集搜狗微信平台,若无意中侵犯您的权益,请联系我们,我们会在第一时间删除!联系QQ:807196
推荐公众号
  • 王泽

    胡乱扯淡

  • 文科生眼中的世界

    个人评论与资料综合,涵盖历史、经济、时政话题

  • 皮卡丘训练师

    方便的口袋妖怪图鉴查询工具;了解口袋妖怪资讯的平台。

  • 叨叨

    叨叨的个人微信公众平台,发布一些文章,内容涉及生活感悟、游记、随笔……努力保持原创和每天更新,不看不知道,一看吓一跳!

最新更新
string(67753) "

"